// སྤེལ་མཁན། :gomanglibrary // སྤེལ་ཚེས། :Monday, November 2, 2015


འཕྲུལ་དེབ་འདིའི་ཡོང་ཁུངས་ནི། འབར་ཞུན་མུ་འབྲེལ་འཕྲུལ་དེབ་ཞེས་པ་ཡིན་ལ། འདི་ནི་བསྟན་འགྱུར་ཁྲོད་བཞུགས་པའི་སྔོན་གྱི་ཆོས་རྒྱལ་ལོ་པཎ་ཚོས་དམ་པའི་ཆོས་བོད་ཡིག་ཏུ་ཅི་ལྟར་བསྒྱུར་པའི་ཐབས་ཚུལ་གཏན་ལ་ཕབ་པའི་བསྟན་བཅོས་ཏེ། སྒྲ་སྦྱོར་བམ་པོ་གཉིས་པ་ཞེས་པ་དེ་ཡིན་ནོ།།

{ 1 comments... read them below or add one }

  1. ༄༅། །ཆོས་གྲོགས་དམ་པ་དགེ་བཤེས་བསྟན་འཕེལ་ལགས། བཀའ་དྲིན་བླ་ལྷག་ཏུ་ཆེ། སྐུ་ཉིད་ཀྱིས་དབུ་མཛད་པའི་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ལས་བྱེད་ཐུན་མོངས་ནས་ལོ་མང་རིང་། ངལ་བ་ཁྱད་བསད་དང་། ཧུར་ཐག་འབད་བརྩོན། ལྷག་བསམ་ཟོལ་མེད་སྒོས་༸ཀུན་མཁྱེན་གསུང་འབུམ་ཆ་ཚང་དང་། ༸གུང་ཐང་གསུང་འབུམ་ཆ་ཚང་། དེ་མིན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དཔེ་དེབ་མང་པོ་དཔར་སྐྲུན་དང་། གློག་རྡུལ་གཙུག་ལག་དྲ་མཛོད་གསར་བཏོད་སྒོས། འཕྲུལ་དེབ་སྤུས་ལེགས་སྣ་མང་ཆོས་སྦྱིན་མཛད་མེད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བའི་ལེགས་མཛད་ལ། ཡི་རང་དང་། ལེགས་སོའི་བསྟོད་དབྱངས་ཀྱི་ངག་ཚིག་གྱེར་བཞིན། གཞར་ཡང་སྐུ་ཉིད་ཀྱི་ལྷག་བསམ་དང་ལེགས་མཛད་བསྟན་འགྲོའི་གསོས་སུ་སྨིན་པའི་རེ་བ་སྙིང་དུ་བརྟས་ཤིང་། སྨོན་འདུན་སྟོང་གི་མཚམས་སྦྱོར་དང་བཅས། གུས་པ་ཆོས་གྲོགས་བསྟན་འཛིན་རྒྱ་མཚོས།

    ReplyDelete

// དཔར་སྐྲུན་བདག་དབང་། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། // དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ། //
གློག་འཕྲིན་ཁ་བྱང་། gomanglibrary360@gmail.com ཡང་ན། gomanglibrary@yahoo.com
ངོ་དེབ་ཁ་བྱང་། https://www.facebook.com/drepung.penzoekhang | ཁ་པར་ཨང་། 08301-245687