// སྤེལ་མཁན། :gomanglibrary // སྤེལ་ཚེས། :Friday, October 30, 2015


ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡  ཚེས་ ༡༠  ནས་ཕྱི་ཟླ་ ༢ ཚེས་ ༡༠ བར་ཟླ་ངོ་གཅིག་རིང་བོད་ཕྲུག་ཁྱིམ་སྡེ་ཁག་ནས་དགུན་ཁའི་གུང་གསེང་ལ་ཕེབས་པའི་སློབ་ཕྲུག་ཚོར་འཛིན་གྲྭ་གོང་འོག་གཉིས་སུ་བགོས་ཏེ། འཛིན་གྲྭ་གོང་མར་སྙན་ངག་ལེའུ་གཉིས་པ་སྤྱི་བཤད་དང་།  རྟོགས་བརྗོད། ཆོས་འབྱུང་། སེམས་བྱུང་ང་གཅིག ཕར་ཕྱིན་དྲུག  རྟེན་འབྲེལ་ཡན་ལག་བཅུ་གཉིས་བཅས་དང་།  འཛིན་གྲྭ་འོག་མར་བརྡ་སྤྲོད་སུམ་རྟགས་དག་གསུམ་དང་།  ཡིག་བསྐུར་རྣམ་གཞག  བསྡུས་གྲྭའི་རིགས་ལམ།  སྐྱབས་གསུམ་ངོ་སྤྲོད།  དགེ་སྡིག་བླང་དོར་ངོ་སྤྲོད་བཅས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས།

ཕྱི་ལོ་  ༢༠༡༥  ཟླ་ ༢ ཚེས་ ༩ ཉིན་འདི་ག་དཔེ་མཛོད་ཚན་རིག་སྡེ་ཚན་གྱི་གོ་སྒྲིག་འོག་༼འཇིག་རྟེན་ཆགས་འཇིག་གི་རྣམ་གཞག་༽ཅེས་པའི་བརྗོད་གཞིའི་ཐོག་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཕྲུག་ཁག་ཅིག་དང་དགེ་འདུན་པའི་བར་ཆོས་ཚན་བགྲོ་གླེང་གཟབ་རྒྱས་ཤིག་གོ་སྒྲིག་ཞུས།

ཕྱི་ལོ་ ༢༠༡༥ ཟླ་ ༧  ཚེས་ ༡༠  ནས་ཉིན་ཉི་ཤུའི་རིང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་གདན་དྲངས་པའི་སྔགས་རམས་པ་རྒན་བསྟན་འཛིན་ཟིལ་གནོན་མཆོག་ནས། གྲྭ་ཚང་འདི་གའི་དགེ་བཤེས་བཅུ་ཕྲག་བཞི་ཙམ་ལ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བདག་བསྐྱེད་ཀྱི་ཆོ་ག་དང་སྦྲགས་ཟབ་མོ་སྔགས་ཀྱི་སྒོམ་སྒྲུབ་ཉམས་བཞེས་ཇི་ལྟར་མཛད་ཚུལ་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས།

མཆན་ཞོག

རྩོམ་གསར་མངགས། | མཆན་གསར་མངགས།

// དཔར་སྐྲུན་བདག་དབང་། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། // དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ། //
གློག་འཕྲིན་ཁ་བྱང་། gomanglibrary360@gmail.com ཡང་ན། gomanglibrary@yahoo.com
ངོ་དེབ་ཁ་བྱང་། https://www.facebook.com/drepung.penzoekhang | ཁ་པར་ཨང་། 08301-245687