// སྤེལ་མཁན། :སྒོ་མང་དཔེ་མཛོད། // སྤེལ་ཚེས། :Wednesday, September 28, 2016


གླེགས་བམ་འདིའི་ནང་དུ། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་པའི་དབང་བོ་རྡོ་རམས་པ་རྗེ་ལྷ་མོའི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་པ་ནོར་བུའི་ཕྲེང་བ་ཞེས་བྱ་བའི་འགྲེལ་བ་ཀུན་བཟང་ཞིང་གི་ཉི་མ་གཞན་ཕན་སྣང་བའི་མཛོད་ཅེས་བྱ་བ་བཞུགས་སོ།།



{ 7 comments... read them below or Comment }

  1. ཁྱེད་དཔེ་མཛོད་ཁང་གི་ལེགས་མཛད་ལ་ཡི་རང་དང་། བསྔགས་བརྗོད་ཞུ། འདི་ལྟར་འབད་འབད་དུང་གིས་ཆེས་རྩ་ཆེའི་རིན་བྲལ་ནོར་བུས་ཀྱང་འགྲན་དུ་མི་བཟོད་པའི་དཔེ་དེབ་གང་མང་རིན་མེད་འཕྲུལ་དེབ་དུ་བཀྲམ་པ་འདིས། རྒྱ་ཆེའི་རིག་གཞུང་འདི་ལ་ཐོས་བསམ་སློབ་གཉེར་བྱེད་པའི་ཀློག་པ་པོ་ཡོངས་ཀྱི་རྣམ་དཔྱོད་ལ། ཟད་པ་མེད་པའི་རིག་པའི་སྣང་བ་ཆེན་པོ་དུས་རྟག་ཏུ་འབར་བར་བྱས་སོ། །

    ReplyDelete
    Replies
    1. དུས་ཀུན་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ། ང་ཚོས་མུ་མཐུད་དུ་འབད་བརྩོན་བྱ་ངེས།

      Delete
  2. བཀྲ་ཤིས་བདེ་ལེགས་རྒན་རྣམ་པ་མཚོ། དཔེ་དེབ་འདི་ཚོ་ཕབ་ལེན་ཐུབ་ཀྱིས་མི་འདུག་པས། ལམ་སྟོན་གནང་རོགས་ཐུགས་རྗེ་གཟིགས། ࿉࿉࿉

    ReplyDelete
  3. དཔེ་དེབ་ཇི་ལྟར་ཕབ་ལེན་བྱེད་དགོས་སམ།

    ReplyDelete
  4. This comment has been removed by the author.

    ReplyDelete
    Replies
    1. དགོངས་པ་མ་འཚོམ་རོགས། ཉིན་འདི་ཚོར་ Google གྱིས་དྲ་ཚིགས་ཀྱི་མ་ལག་རིམ་སྤར་བྱས་པའི་རྐེྱན་གྱིས་དྲ་ངོས་ལེགས་པར་འཆར་མི་ཐུབ་པའི་སྐྱོན་ཞིག་འདུག་པས་ཕབ་ལེན་བྱ་མ་ཐུབ་པ་ཡིན་རྒྱུ་རེད། ངང་ཙམ་སྒུགས་དང་། ང་ཚོས་དྲ་ཚིགས་བཟོ་མཁན་ལ་འབྲེལ་བ་བྱེད་ཀྱིན་ཡོད།

      Delete

// དཔར་སྐྲུན་བདག་དབང་། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། // དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ། //
གློག་འཕྲིན་ཁ་བྱང་། gomanglibrary360@gmail.com ཡང་ན། gomanglibrary@yahoo.com
ངོ་དེབ་ཁ་བྱང་། https://www.facebook.com/drepung.penzoekhang | ཁ་པར་ཨང་། 08301-245687