// སྤེལ་མཁན། :gomanglibrary
// སྤེལ་ཚེས། :Tuesday, August 16, 2016
![](https://blogger.googleusercontent.com/img/b/R29vZ2xl/AVvXsEjfZ7_A56s7tFBZvxeBrl7H6u3YKNh2hOcdfks26yEt-eL8Rk3APOom2Dgk_DII8eKqRtI0n0t2nDyOXtv5qb5J5LrXrUssiQCveN7Mkw9BPQL-okFBJgXL84jPc6AU_4-S3ZBbD7ZfYrQ/s320/cover33.png)
བསྟན་བཅོས་འདི་ནི་མཉམ་མེད་ཙོང་ཁ་བ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་དཀའ་བའི་གནད་རྣམས་མཆན་བུ་བཞིའི་སྒོ་ནས་ལེགས་པར་བཤད་པ་ཐེག་ཆེན་ལམ་གྱི་གསལ་སྒྲོན་ཞེས་པ་སྟེ། ཡོངས་ཀྱི་བཤེས་གཉེན་ཆེན་པོ་བློ་གླིང་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་མཆོག་གིས་བསྒྲིགས་པའི་ཡོངས་གྲགས་སུ་ལམ་རིམ་མཆན་བཞི་སྦྲགས་ཞེས་པ་དེ་ཡིན་ལ། དེའང་མཆན་བུ་བཞི་འདེབས་པར་མཛད་པ་བོ་ནི་རིམ་བཞིན། དགའ་ལྡན་ཁྲི་ཐོག་དྲུག་པ་བ་སོ་ཆོས་ཀྱི་རྒྱལ་མཚན་དང་། སྡེ་དྲུག་མཁན་པོ་ངག་དབང་རབ་བརྟན། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ། པཎྚིཏ་ཆེན་པོ་པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་བཅས་ཡིན་ནོ།།