// སྤེལ་མཁན། :སྒོ་མང་དཔེ་མཛོད། // སྤེལ་ཚེས། :Wednesday, June 29, 2016

གླེགས་བམ་འདིའི་ནང་དུ། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་པའི་དབང་བོ་རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་གསུང་འབུམ་ལས་འགྲེལ་བ་དོན་གསལ་གྱི་མཆན་འགྲེལ་ཀུན་བཟང་ཞིང་གི་ཉི་མ་ཐར་འདོད་མུན་སེལ་ཞེས་བྱ་བ་ལས་སྟོད་ཆ་བཞུགས་སོ།།


{ 2 comments... read them below or Comment }

  1. དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་འགན་འཛིན་དགེ་བཤེས་བསྟན་འཕེལ་མཆོག་གི་གཙོས་ལས་བྱེད་ཡོངས་ནས་ངལ་བ་ཁྱད་བསལ་དང་། ཐུགས་ཁུར་ཆེར་བཞེས། ལྷག་བསམ་ཟོལ་མེད་དང་། ཧུར་ཐག་འབད་ཐག་གིས་ཕྱག་ལས་འཐུས་ཚང་གནང་བའི་ཉེར་འབྲས་ལས་དཔེ་མཛོད་ཁང་འདི་ནས། ༸ གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་པ་ཆེན་པོས་ཡང་ནས་བསྐྱར་དུ་བསྔགས་བརྗོད་མཛད་གནང་བའི་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་གསུང་འབུམ་གྱིས་མཚོན་རིན་བྲལ་ལེགས་བཤད་མཛོད་ཀྱི་བང་བ་ཁ་ཕྱེ་ནས། འཛམ་གླིང་ཡངས་པོར་རིན་མེད་ཆོས་སྦྱིན་གནང་བར་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་། ཁྱེད་དཔེ་མཛོད་ཁང་གི་གསུང་པར་འཕྲུལ་དེབ་ནི་ཇུས་ལེགས་ཤིང་། ཡི་གེ་དག་པ་། དོན་གཉེར་བའི་བློ་ཁ་དང་མཐུན་པར་(Epub)དང་། (Pdf)གཉིས་ཀའི་སྟེང་བཟོ་གནང་མཛད་པར་ཀློག་མཁན་མང་པོའི་བསམ་དོན་ཡིད་བཞིན་འགྲུབ་པར་བྱས་པའི་དངོས་ཡོད་ལེགས་བྱས་ལ་དགའ་གུས་སྟོང་གིས་བསྔགས་བརྗོད་དང་ཡི་རངས་ཞུ།

    ReplyDelete
    Replies
    1. སྐུ་ཉིད་ཀྱིས་ང་ཚོའི་ལས་གཞི་འདིར་བསྔགས་བརྗོད་དང་འབྲེལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞེས་ཞུ། སླད་མར་ང་ཚོའི་གློག་རྡུལ་འཕྲུལ་དེབ་ཀྱི་ཕྱི་ནང་ཇུས་འགོད་དང་། དཔར་གཞི་ལ་ལེགས་ཉེས་ཅི་ཡོད་ཐད་དགོངས་འཆར་ལྷུག་པོར་སྩོལ་བར་ཞུ།

      Delete

// དཔར་སྐྲུན་བདག་དབང་། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། // དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ། //
གློག་འཕྲིན་ཁ་བྱང་། gomanglibrary360@gmail.com ཡང་ན། gomanglibrary@yahoo.com
ངོ་དེབ་ཁ་བྱང་། https://www.facebook.com/drepung.penzoekhang | ཁ་པར་ཨང་། 08301-245687