// སྤེལ་མཁན། :gomanglibrary // སྤེལ་ཚེས། :Wednesday, November 18, 2015



ཕྱི་ལོ་ ༢༠༡༤ ཟླ་དང་བོའི་ནང་རང་གཞུང་བོད་ཕྲུག་ཁྱིམ་སྡེ་ཁག་བཅུ་གཉིས་ནས་དགུན་ཁའི་གུང་གསེང་ལ་ཕེབས་པའི་སློབ་མ་གྲངས་ ༤༧ ལ་ཟླ་གཅིག་དང་བདུན་གཅིག་རིང་།  སྙན་སུམ་སློབ་ཚན་གཙོ་བོ་དང་། ཞོར་དུ་ནང་ཆོས་ངོ་སྤྲོད་ཀྱི་སློབ་ཚན་ཟབ་སྦྱོང་ཞིག་ཕྱི་ཚེས་ ༢༠༡༤/༠༢/༢༣ ཉིན་མཇུག་ཡོངས་སུ་གྲུབ། ཉིན་དེའི་ཞོགས་པར་ཆུ་ཚོད་དགུ་པའི་ཐོག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་སྐྱབས་གནས་མཁན་རིན་པོ་ཆེ་རྗེ་བཙུན་ཡོན་ཏན་དམ་ཆོས་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པར་མ་ཟད། སློབ་ཕྲུག་ཚོར་མ་འོངས་པའི་མདུན་ལམ་ལམ་སྟོན་གྱི་བཀའ་སློབ་ཟབ་མོའི་སྐལ་བཟང་ཐོབ་པ་དང་། འདི་གའི་དཔེ་མཛོད་འགན་འཛིན་དགེ་བཤེས་འཇིགས་མེད་བསྟན་འཕེལ་ལགས་ནས་ཟབ་སྦྱོང་འདི་འདྲ་ཞིག་བཙུགས་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་ཀྱང་གནང་།


ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༦ ནས་ཟླ་ ༦  ཚེས་ ༢༦ བར་ཟླ་ངོ་གསུམ་རིང་ཨ་རིར་གནས་བཞུགས་སྐུ་ཞབས་ནམ་མཁའ་ལགས་དང་།  ཝ་རཱ་ཎཱ་སི་ནས་ཕེབས་པའི་སཾསྐྲྀཏའི་སྐད་ཡིག་ལ་མཁས་པའི་རྒྱ་གར་གྱི་སློབ་དཔོན་ཁག་ཅིག་ཆེད་དུ་གདན་ཞུས་ཀྱིས་སྔ་ཕྱིར་སྒྲ་མདོ་དང་།  རྩིས་དཀར་ནག  སཾསྐྲྀཏའི་སྦྱོར་ཀློག་བཅས་ཀྱི་ཟབ་སྦྱོང་ཞིག་འཚོགས་ཤིང་།  དེར་གདན་ས་ཆེན་པོ་དགའ་ལྡན་དང་འབྲས་སྤུངས་གཉིས་ནས་དོན་གཉེར་ཅན་གྱི་དགེ་འདུན་པ་བརྒྱ་ལྷག་མཉམ་ཞུགས་གནང་།


མཆན་ཞོག

རྩོམ་གསར་མངགས། | མཆན་གསར་མངགས།

// དཔར་སྐྲུན་བདག་དབང་། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། // དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ། //
གློག་འཕྲིན་ཁ་བྱང་། gomanglibrary360@gmail.com ཡང་ན། gomanglibrary@yahoo.com
ངོ་དེབ་ཁ་བྱང་། https://www.facebook.com/drepung.penzoekhang | ཁ་པར་ཨང་། 08301-245687